ལྟ་བཤལ་ སྙན་ཞུ།
ལྟ་བཤལ་སྙན་ཞུ།
སྤྱི་ཚེས་་་་་༠༦/༠༥/༢༠༢༥ལུ།
སློབ་སྦྱོང་གཙོ་འཛིན་མཆོག་ལུ།
བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲཱ།
བསམ་བརྩེ།
རྩ་དོན། ལྟ་སྐོར་སྙན་ཞུ།
ཞུ་དོན། དེ་ནི་ དབྱིན་ཚེས་ ༠༥/༠༥/༢༠༢༥ ལུ་
བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་
སྤ་རོ་རྫོང་ཁག་ནང་ཡོད་པའི་་སྤ་རོ་སྟག་ཚང་ ཡང་ན་སྟག་མོའི་ཚང་གི་དགོན་པ་ཟེར་ཡང་སླབ་དོ་ཡོད་པའི་ལྷ་ཁང་འདི་མཇལ་བ་འགྱོ་ཡི།
ལྷ་ཁང་འདི་ང་བཅས་རའི་་འབྲུག་རྒྱལ་ཁབ་ གི་སྤ་རོ་གཡུས་ཕྱོག་ ལུ་ཡོད་པའི་བྲག་ཕུག་གུ་ཡོད་མི་
ལྷ་ཁང་ཅིག་ཨིན་མས། ས་གནས་འདི་མཐོ་ཚད་མི་ཊར་ ༣༡༢༠ ལུ་ཆགས་ཏེ་འདུག།
ལྷ་ཁང་གི་མཐའ་འཁོར་ལས་མར་བལྟཝ་ད་
སྤ་རོ་གི་གཡུས་ཚན་དང་གཞན་ས་གོ་ཚུ་ཡང་ག་ནི་བ་མཉམ་དགའ་ཏོག་ཏོག་འབད་མཐོང་ཚུགས་པས། ལྷ་ཁང་འདི་
ཡ་མཚན་ཅན་གྱི་བཟོ་བཀོད་ཀྱི་ཐོག་ལས་ ཡོངས་གྲགས་ཅན་ཅིག་ཨིནམ་དང་ རྡོ་གི་གདོང་ཁར་
ལྷ་ཁང་བཞི་ རིམ་སྒྲིག་འབད་དེ་ ཐེམ་སྐས་དང་ ལམ་གྱི་ཡོངས་འབྲེལ་ཐོག་ལས་
མཐུད་དེ་ཡོདཔ་ཨིན། ནང་ན་ལུ་ ལྟ་བཤལཔ་ཚུ་གིས་ མགུ་རྙོག་དྲགས་ཅན་གྱི་
ཐང་ཀའི་རི་མོ་དང་ རྩ་ཅན་གྱི་སྐུ་འདྲ་ དེ་ལས་ འབྲུག་པའི་ནང་པའི་ལམ་སྲོལ་ཚུ་
གསལ་སྟོན་འབད་མི་ ཆོས་དང་འབྲེལ་བའི་ ཅ་ཆས་ཚུ་ མཐོང་ཚུགསཔ་ཨིན་པས། ཡ་མཚན་ཆེ་ཤོས་འདི་ར་
དུས་རབས་༨པའི་ནང་ འབྲུག་རྒྱལ་ཁབ་ནང་ ནང་པའི་ཆོས་འདི་ དར་ཁྱབ་བྱུང་མི་
གུ་རུ་པདྨ་སམ་བྷ་བ་གི་སྐུ་འདྲ་འདི་ཨིན་མས། སྤ་རོ་སྟག་ཚང་གི་
ཞི་བདེ་གི་གནས་སྟངས་དང་ ཆོས་དང་འབྲེལ་བའི་ དོན་སྙིང་ལུ་བརྟེན་ གནས་སྐོར་རྐྱབ་སའི་
ས་ཁོངས་རྐྱངམ་གཅིག་མེན་པར་ འབྲུག་གི་ ལམ་སྲོལ་ཕུན་སུམ་ཚོགས་པའི་
ངོ་རྟགས་ཅིག་ཡང་ཨིན་པས།
ང་བཅས་ཚུ་
སྤ་རོ་སྟག་ཚང་ལུ་བལྟ་བསྐོར་འབད་མི་འདི་གིས་ ང་བཅས་ལུ་ཡོན་ཏན་གསརཔ་ལེ་ཤ་བྱིན་ཡི།
དེ་ཡང་འབྲུག་གི་རྒྱལ་རབས་དང་ ཆོས་ལུགས་ དེ་ལས་ བོད་ཀྱི་ནང་ཆོས་ཀྱི་ གནས་སྟངས་ནང་
དགོན་པའི་ གལ་གནད་ཚུ་གི་སྐོར་ལས་ རིན་ཐང་ཅན་གྱི་ཤེས་ཡོན་ཚུ་ ཐོབ་ཚུགསཔ་ཅི། དེ་མ་ཚད་དགོན་པ་ལུ་འགྱོ་སའི་
ལམ་བདའ་སྟེ་ ཡར་འཛེགས་པའི་སྐབས་ ད་རེས་ དགོན་པ་ཡོད་སའི་ བྱག་ཕུག་ཚུ་ནང་
གུ་རུ་པདྨ་སམ་བྷ་ཝ་གི་ ལོ་རྒྱུས་དང་ སྒོམ་རྐྱབ་ཐངས་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་ཡི།
ལྟ་བཤལ་ལམ་སྟོན་པ་གིས་ འབྲུག་པའི་དགོན་སྡེ་ཚུ་གི་ ཁྱད་རྣམ་ཅན་གྱི་
བཟོ་རིགས་ཀྱི་རྣམ་པ་ཚུ་གི་སྐོར་ལས་ ཤེས་རྟོགས་ཚུ་ བརྗེ་སོར་འབད་ཡོདཔ་མ་ཚད་
ལམ་སྲོལ་གྱི་ མ་འདྲཝ་ཚུ་ ཉམས་སྲུང་འབད་དགོཔ་ཁག་ཆེ་བའི་སྐོར་ལས་ བཤད་ཅི། ད་རུང་
ང་བཅས་ཀྱིས་ གནས་སྐོར་དང་འབྲེལ་བའི་ ས་གནས་དང་ ལམ་སྲོལ་ཚུ་གི་སྐོར་ལས་
ཧ་གོ་ཚུགས་ཅི། སྤྱིར་བཏང་ལུ་ ཉམས་མྱོང་འདི་གིས་ འབྲུག་གི་རང་བཞིན་གྱི་མཛེས་སྡུག་དང་
ཆོས་དང་འབྲེལ་བའི་ ཡོན་ཏན་་ཚུ་ མཉམ་སྡེབ་འབད་དེ་ཡོད་མི་ལུ་ ང་བཅས་ཀྱིས་
བརྩི་མཐོང་སྦོམ་སྦེ་རང་བསྐྱེད་བཅུག་སྟེ་ མ་འོངས་པའི་མི་རབས་ཚུ་གི་དོན་ལུ་
དེ་བཟུམ་གྱི་ བང་མཛོད་ཚུ་ ཉམས་སྲུང་འབད་དགོཔ་ཁག་ཆེཝ་སྦེ་ གསལ་སྟོན་འབད་ཡི། ཞེས་
རང་ཟླ་་༥་པའི་ཚེས་༦ ལུ།
(ར་བྲག་དབང་མོ།)
སློབ་ཕྲུག།
Comments
Post a Comment