ཞིབ་དཔྱད་སྙན་ཞུ། སྡེ་ཚན་གསུམ་པ།
ཞིབ་དཔྱད་སྙན་ཞུ།
སྤྱི་ཚེས་ ༦/༠༥/༢༠༢༥
ལུ།
༊
བསམ་རྩེ་ཁྲོམ་དཔོན་མཆོག་ལུ།
ཞུ་དོན། ང་བཅས་བསམ་རྩེ་མཐོ་རིམ་སློབ་གྲྭ་ནང་
ཆུའི་དཀའ་ངལ་ཡོདཔ་ལས་ དེ་ལུ་གྲོགས་རམ་ཡོད་མི་
བཅུད་བསྡུས་སྙུན་ཞུ་ཟུར་སྦྲགས་ཕུལ་ཡོད་ཞུ།
(ཀུན་ལེགས་རྡོ་རྗེ)
སློབ་ཕྲུག་འགོ་འཁྲིདཔ།
བསམ་རྩེ་མཐོ་རིམ་སློབ་གྲྭ།
༉ ང་བཅས་བསམ་རྩེ་མཐོ་རིམ་སློབ་གྲ་ནང་
ཆུ་འི་དཀའ་ངལ་བསལ་འཐབ་ལུ་གྲོགས་རམ་འོས་འབབ་ཡོད་མེད་དོན་ལུ་ སྤྱི་ཚེས་ ༤/༠༣/༢༠༢༥་
ཉིན་ལྟ་ཞིབ་འབད་ཡོད་པའི་ གནད་དོན་ དེ་ཡང་
ཀ/ སྡོད་ཁང་ནང་སྡོད་མི་སློབ་ཕྲུག་ཚུ་ལུ་དཀའ་ངལ།
ཁ/ ལས་བྱེདཔ་ཚུ་ལུ་དཀའ་ངལ།
ག/ བཟའ་ཁང་དང་ཐབ་ཚང་ལུ་དཀའ་ངལ།
༡༽
མཐོ་རིམ་སློབ་གྲྭ་ནང་ཉལ་ཁང་ཡོངས་བསྡོམས་ ༡༠ (གཅིག་བུཚ་གི་དང་བུམོ་གི) ཡོདཔ་ད་
འདི་སྡོད་མི་སློབ་ཕྲུག་ ༣༠༠ དང་འཁྲིལཝ་ད་ཆུ་མེད་པའི་དཀའ་ངལ་ལས་ གཟུགས་ཁམས་དང་
ཆབ་གསང་གི་ གཙང་སྦྲ་ཚུ་བཏོན་མི་ཚུགས་པས་ཟེར་ཨིན་མས། དེ་མ་ཚད་ ཆུ་མེད་པའི་
དཀའ་ངལ་ལས་ སཱོབ་ཁང་ནང་ཡང་དུས་ཚེད་ཁར་མི་ལྷོད་བས་ཟེར་སླབ་ཨིན་མས།
༢༽ མཐོ་རིམ་སློབ་གྲྭ་ནང་
དཔེ་ཆ་སྟོན་མི་ ལས་བྱེདཔ་ ༣༠ དང་དཔེ་ཆ་མ་སྟོན་མི་ ༡༠ ཡོངས་སྡོམས་ ༤༠ ཡོདཔ་ད་
ག་ར་སློབ་གྲྭ་ནང་སྡོད་མི་ཨིན་མས། ཁོང་ཚུ་གིས་བཤད་མི་ནང་
ས་གོ་དེ་ནང་ཆུ་མེད་པའི་དཀའ་ངལ་ ཁོང་རའི་ཨ་ལོ་སློབ་ཕྲུག་ཚུ་
སློབ་གྲྭ་ནང་དུས་ཚོད་ཁར་བཏང་མི་ཚུགས་དོ་ཡོདཔ་ད་ ཁོང་རང་ཡང་དུས་ཚོད་ཁར་
དཔེ་ཆ་སྟོན་པ་མི་ལྷོད་པས་ཟེར་ཨིན་མས། ལྷག་པར་དུ་ ཆབ་གསང་དང་ འཐབ་ཚང་ལཱ་ཚུ་ལུ་
ཆུ་མེད་པའི་ དཀའ་ངལ་ལས་ ལཱ་ཚུ་ག་ར་ ལཱ་ཁག་བཟོཝ་མས་ཟེར་ བཤདཔ་ཨིན་མས།
༣༽ མཐོ་རིམ་སློབ་གྲྭ་ནང་ལུ་
སློབ་ཕྲུག་ ༧༠༠ ཡོདཔ་ད་ ལྟོ་དུས་ཕོག་གསུམ་ཆ་ར་བཟའ་མི་ སློབ་ཕྲུག་ཡོངས་བསྡོམས་ ༥༠༠
ཡོདཔ་ཨིན། སློབ་ཕྲུག་ཚུ་ལྟོ་བཟོ་བྱིན་མི་ ཐབ་ཚངཔ་ ༡༠་ཡོདཔ་ཨིནམ་དང་
ཁོང་ཚུ་གིས་སླབ་མི་ནང་ ཆུ་མེད་པའི་དཀའ་ངལ་ལས་
ལྟོ་ཚུ་དུས་ཚེད་ཁར་བཟོ་མི་ཚུགས་པས་ཟེར་ཨིན་མས། དེ་མ་ཚད་
བཟའ་ཁང་དང་ཐབ་ཚང་ཚུ་ཧིང་སངས་ས་ས་འབད་བཞག་མི་ཚུགས་པས་ཟེར་ཨིན་མས། གནད་དོན་
གོང་གསལ་ལྟར་དུ་ ང་བཅས་མཐོ་རིམ་སློབ་གྲྦ་ནང་དཀའ་ངལ་བྱུང་སྟེ་ཡོདཔ་ལས་
ཁྲོམ་དཔོན་མཆོག་གིས་སྐྱིད་སྡུག་གཟིགས་གནང་ཟེར་ཞུ་ནི་ཨིན་ལགས།
Comments
Post a Comment