ས་སྟོང་གསལ་བསྒྲགས།
ས་སྟོང་གསལ་བསྒྲགས།
ཨང། |
གོ་གནས། |
གནས་རིམ། |
ས་སྟོང། |
ཤེས་ཚད། |
༡ |
སློབ་ཕྲུག་ཞབས་ཞུ་འགན་འཛིན་ལས་རོགསཔ། |
འཁྱན་འཛིན་༢། |
༢ ༼བུཚ་༡། ཨམ་སྲུ་༡།༽ |
གཙུག་ལག་གཞི་རིམ། |
བསམ་རྩེ་མཐོ་རིམ་སློབ་སྒྲྭ་གྱི་ སྤྱི་ཚེས་༡༣/༠༥/༢༠༢༥ ལུ་ ཚོགས་པའི་ མཐོ་རིམ་སློབ་སྒྲྭའི་ཚོགས་ཆུང་ ཞལ་འཛོམས་གི་ གྲོས་ཆད་དང་འཁྲིལ་ཏེ་ འོག་ལུ་འཁོད་པའི་གཡོག་གི་ས་སྟོང་གསལ་བསྒྲགས་འབདཝ་ཨིན།
རང་འདོད་ཅན་གྱི་མི་ངོམ་ ཁྱད་ཚད་ལྡན་མི་ཚུ་གིས་ འོག་གི་ཡིག་རིག་ མཉམ་སྦྲགས་ཡོད་པའི་ཞུ་ཡིག་ སྤྱི་ཚེས་༡༥/༠༥/༢༠༢༥འི་ ནང་འཁོད་མཐོ་རིམ་སློབ་སྒྲྭའི་འཛིན་སྐྱོང་ནང་ བཙུགས་གནང།
༡༽ངོ་སྤྲོད་ལག་ཁྱེར་འདྲ་པར།
༢༽ཤེས་ཚད་ལག་ཁྱེར།
༣༽སློབ་རིམ་༡༠པ་དང་
༡༢པའི་ལག་ཁྱེར།
༤༽ཉེན་སྲུང་ཉེར་ལེན་ཡི་གུ།
༥༽ གསོ་བའི་ལག་ཁྱེར།
༦༽བསྐྱར་སྦྱོང་ཡི་གུ།
བརྡ་དོན་ཁ་གསལ་གྱི་དོན་ལུ་ ཡིག་ཚང་དུས་ཚོད་ཁར་ བརྒྱུད་འཕྲིན་ཨང་ ༠༢༣༦༨༦/༦༧༤༢༤༥ ནང་ འབྲེལ་བ་འཐབ་དགོཔ་དང་ གདམ་འཐུ་གྲུབ་མི་ མི་ངོམ་ཚུ་གི་
མིང་ཐོ་ཚུ་ མཐོ་རིམ་སློབ་གྲྭའི་ ཡོངས་འབྲེལ་འཆར་སྒོ་ནང་ གསལ་བསྒྲགས་འབད་ནི་ཨིནམ་ད་ སྤྱི་ལོ་༢༠༢༥
སྤྱི་ཟླ་༦ པའི་ཚེས་༢༥ ལུ་ དྲི་བ་དྲིས་ལན་འབད་ནི་ཨིན་པས།
Comments
Post a Comment