ལཱ་ཤུལ་སྙན་ཞུ། སྡེ་ཚན་བཞི་པ།
ལཱ་ཤུལ་སྙན་ཞུ། སྤྱི་ཚེས་་་་་་་་་་་་་་་་་་་་་་་ལུ།
འཛིན་སྐྱོང་མདོ་ཆེན་མཆོག་ལུ།
ཐིམ་ཕུ།
རྩ་དོན།ལཱ་ཤུལ་སྙན་ཞུ།
ཞུ་དོན། དེ་ནི་དེ་ཡང་ བསམ་རྩེ་ཁྲོམ་ཁར་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་
མ་དངུལ་རྒྱབ་སྐྱོར་ཐོག་ལས་ མཆོད་བརྟེན་བཞེངས་མི་ལཱ་ཚུ་གི་སྐོར་ལས་ ག་དེ་སྦེ་
འགྱོ་དོ་ཡོདཔ་ཨིན་ན་ དུས་མཐུན་སྙན་གསན་ཞུ་བ་ཅིན།སྤྱིར་ ལས་འགུལ་དེ་ ལེགས་ཤོམ་སྦེ་ འགྱོ་དོ་ཡོདཔ་ལས་
དུས་ཚོད་དང་འཁྲིལ་ཏེ་ར་ ཡོདཔ་ཨིན། ང་བཅས་ཀྱིས་ ས་ཆ་གྲ་སྒྲག་དང་
གཞི་རྟེན་གྱི་ལཱ་ཚུ་ མཇུག་བསྡུ་ཡི། སྐུ་འདྲ་གི་བཟོ་བཀོད་འདི་ བརྒྱ་ཆ་༦༥དེ་ཅིག་
བཟོ་ཚར་ཏེ་ཡོདཔ་མ་ཚད་ གནས་སྐབས་ཀྱི་ས་ཁོངས་མཐུན་རྐྱན་དང་ འཛུལ་སྤྱད་ཀྱི་ལམ་ཚུ་
ཆ་ཚང་སྦེ་ གཞི་བཙུགས་འབད་དེ་ཡོདཔ་ཨིན།
ད་ལྟོ་ཚུན་ཚོད་ གཞི་རྟེན་དང་ ཅ་ཆས་
ལས་མི་ སྐྱལ་འདྲེན་ དེ་ལས་ ཉེན་སྲུང་གི་ཐབས་ལམ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༡
དེ་ཅིག་ བཏང་ཡོདཔ་ཨིན་པས། ཟད་འགྲོ་ཆ་མཉམ་ཡིག་ཐོག་ལུ་བཀོད་དེ་ཡོདཔ་ཨིན།
གནམ་གཤིས་ལུ་བརྟེན་ ང་བཅས་ལུ་ ཕྱི་སོངཔ་ཨིན་རུང་ འཆར་གཞི་ཚུ་ བདེ་སྒྲག་འབད་དེ་
ལཱ་ཚུ་ ལེགས་ཤོམ་སྦེ་ འཕྲོ་མཐུད་དེ་རང་ འབད་དོ་ཡོདཔ་ཨིན།ང་བཅས་ཀྱིས་ བཟོ་བཀོད་ཆ་ཚང་མཇུག་བསྡུ་སྟེ་
མཐའ་མཇུག་གི་ལཱ་ཚུ་ མགྱོགས་པ་རང་འགོ་བཙུགས་ནི་གི་རེ་བ་བསྐྱདཔ་ཨིན། ལས་འགུལ་འདི་
སྤྱ་ལོ་༢༠༢༥ སྤྱ་ཟླ་༨ པའི་ཟླ་དཀྱིལ་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོདཔ་ལས་ འཕྲོ་མཐུད་དེ་རང་
རྒྱབ་སྐྱར་མཛད་གནང་།
(བདེ་ཆེན)
ལས་འགུལ་འགོ་དཔོན།
Comments
Post a Comment