ཁྱབ་བསྒྲགས།
ཁྱབ་བསྒྲགས་ཀྱི་དཔེ།
ཡིག་ཨང་ ༠༡༢༣༤ སྤྱི་ཚེས་༡༣/༠༥/༢༠༢༥
ཁྱབ་བསྒྲགས།
རང་གིས་རང་ལུ་བདག་འཛིན་འཐབ་སྟེ་
མཐོ་རིམ་སློབ་གྲྭའི་ལམ་ལུགས་ལུ་བརྩི་སྲུང་འབད་དགོཔ་འདི་ཁག་ཆེ། ང་བཅས་
སློབ་དཔོན་སློབ་སྦྱོང་སྤེལ་ཁང་ཅིག་འབདཝ་ལས་ ན་གཞོན་ཚུ་ལུ་ མིག་དཔེ་བཟང་པོ་ཅིག་
སྟོན་དགོཔ་འདུག། སྦྱོང་བརྡར་འབད་མི་ མང་ཤོས་ཅིག་གིས་ རང་སོའི་སྣུམ་འཁོར་ཚུ་
བཏང་ཆོགཔ་སྦེ་ ཤེས་རུང་ དུས་ཚོད་ཁར་ ལྷོད་དགོཔ་དེ་ཡང་ ཁག་ཆེ་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ མང་ཤོས་ཅིག་གིས་ ཕྱི་སུ་ཅིག་སྦེ་ འོང་དོ་ཡོདཔ་ལས་
དཀའ་ངལ་བྱུང་སྲིད་ནི་ཨིན་པས།
གནམ་བྱཱར་གྱི་ སློབ་དུས་ལས་ འགོ་བཙུགས་ཏེ་
རང་སོའི་སྣུམ་འཁོར་འབག་འོང་མི་ སྦྱོང་བརྡར་པ་ག་ར་གིས་ མཐོ་རིམ་སློབ་གྲྭ་ནང་
ཐོ་བཀོད་འབད་དགོཔ་ཨིན་པས། འདི་ཡང་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་
མི་ག་ར་ ཉེན་སྲུང་དང་ལྡནམ་སྦེ་བཞག་ཐབས་ལུ་ཨིན་མས། ཐོ་བཀོད་འབད་མ་ཚུགས་པ་ཅིན་
ཁྱོད་རའི་སྣུམ་འཁོར་དང་འབྲེལ་བའི་ གནད་དོན་ག་ཅི་ར་ཨིན་རུང་ མཐོ་རིམ་སློབ་གྲྭ་གིས་
འགན་ཁུར་འབག་མི་ཚུགས་ནི་ཨིནམ་མ་ཚད་ སློབ་གྲྭའི་ས་ཁོངས་ནང་ འབག་འོང་མི་ཆོགཔ་ཨིན་པས། ཁྱབ་བསྒྲགས་འདི་ སྤྱི་ཚེས་ ༡༤/༠༥/༢༠༢༥ ལས་ ལག ལེན་འཐབ་ནི་འགོ་བཙུགས་དགོཔ་ལས་ སློབ་ཕྲུག་ཚུ་གིས་ དེ་ཚུ་ཐུགས་ཁར་ངེས་དགོཔ་ཨིན། སྤྱི་ལོ་ ༢༠༢༥ ཟླ་ ༥ པའི་ ཚེས་ ༡༦ ལུ།
(.............)
གཙོ་འཛིན།
Comments
Post a Comment